Wednesday, March 18, 2015

༉ ཕྱོགས་གཡས་གཡོན་གཉིས་ལུ་ཡོད་པའི་ རྒྱུ་རིན་པོ་ཆེ་གསེར་ལས་བསྒྲུབས་པའི་ བུམ་པ་གཉིསཔ་འདི་ ཕྱི་ནང་གཉིས་ཀྱི་ཡོན་ཏན་དང་ལྡན་པའི་ སློབ་དཔོན་ཚུ་མཚོན་པའི་བརྡ། བུམ་པའི་ནང་ལས་མ་རིག་མུན་པ་སེལ་བར་ནུས་པའི་བདུད་རྩི་་ བབས་མི་འདི་ ཕྱི་ནང་གཉིས་ཀྱི་ཡོན་ཏན་ཚུ་ སློབ་ཕྲུག་ན་གཞོན་ཚུ་ལུ་གནང་བའི་བརྡ་མཚོན་ལུ་དང་། དྲི་མེད་སྐྱོན་དང་བྲལ་བའི་མཛེས་པའི་མེ་ཏོག་པདྨ་འདི་ སློབ་ཕྲུག་ཚུ་མཚོན་པ་་མ་ཚད་ ཡོན་ཏན་གྱི་བདུད་རྩི་འདི་གིས་ སློབ་ཕྲུག་ཚུ་གི་ རྒྱུད་ལུ་ཡོད་པའི་མ་རིག་བློ་ཡི་མུན་པ་བསེལ་འདི་ མེ་ཏོག་་བཟུམ་སྦེ་རྒྱས་པའི་བརྡ་ལུ་དང་ སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ བྱེ་བྲག་ཏུ་དཔལ་ལྡན་པའི་འབྲུག་པའི་ ཆོས་སྲིད་གཉིས་ཀྱི་རིང་ལུགས་ཕྱོགས་དང་ཕྱོགས་སུ་སྤེལ་འདི་ ཀུན་གྱིས་དཔེར་འོས་་པའི་བརྡ་མཚོད་ལུ།


Design modified byUgyen Dorji | Blogger Theme by Lasantha - Premium Blogger Templates | NewBloggerThemes.com